Yak & Metok

Yak文章

ཐེངས་དང་པོར་ནུའུ་ཡོག་གི་གྲོང་ཁྱེར།

ཐེངས་དང་པོར་ནུའུ་ཡོག་གི་གྲོང་ཁྱེར་ལ་སླེབས་དུས་ངའི་གྲོགས་པོ་ཞིག་གིས་ང་་དང་མེ་ཏོག་མཉམ་དུ་Jackson Height} ཟེར་བའི་ས་ཆ་དེར་འཁྲིད་བྱུང་། ཐེངས་དང་པོར་མཐོངསྐབས་རང་ཉིད་་རྒྱ་གར་ལ་སླེབས་པའི་དགའ་བོས་འཚོར་བ་ཧ་ཅང་ཆེན་པོ་ཞིག་བྱུང་། སྣུམ་ཚུབ་ཚུབ་ཀྱི་རྒྱ་ལམ་དང་། འགྲོ་བཀའ་བའི་ཁྲོམ་ལམ་ཐོག་ཏུ་རྒྱ་གར་བ་རྣམས་ཚང་ཁ་ཤིག་ཤིག་ཀྱིས་ཡརའགྲོ་མར་འགྲོ་བྱེད་པ་དང་། ཁྲོམ་ལམ་ཐོག་ཏུ་ཅུང་ཉེ་བའི་རྒྱ་གར་གྱི་སྐད་ཡིག་ཅིག་ཀྱང་གསལ་ལ་མེ་གསལ་ཞིག་ཐོས་རྒྱུ་འདུག དཀར་དམར་གྱིས་གོན་པའི་ས་རས་དང་ཁྲ་ཁྲ་ཆེར་ཆེར་གྱི་གློག་དམར་རྣམས་ལ་བལྟ་སྐབས་ངའི་སེམས་ནང་ལ་ཨ་ཁ་ཁ་ང་དེ་རིང་ཡང་sixty four ལ་སླེབས་པ་མ་རེད་དམ་ཞེས་ངརས་རང་ལ་ཅིག་ལབ་ཆུང་ཆུང་ཞིག་རྒྱབ་པ་ཡིན། ངས་མིག་གཉིས་འཕུར་རྩམ་བྱས་ནས་མུ་མཐུད་ནས་ལམ་བར་ལ་ཡར་མར་འགྲོ་སྐབས་གནམ་སྟེང་གི་འཁོར་ལམ་སྟེང་དུ་འགྲུལ་ཤུད་ཀྱི་འཁོར་ལོ་ཞིག་ཧྲག་ཧྲག་ཧྲག་ཟེར་ཡར་རྒྱུག་མར་རྒྱུག་བྱེད་སྐབས། དེ་ནི་ཆུ་མོ་གང་གང་གི་ལྷ་མོ་རྣམས་གནམ་ལ་འཕུར་བ་དང་སྣང་བ་དང་ཁྱད་ཅི་མེད་པའི་ཡ་མཚན་གྱི་བལྟད་མོ་ཞིག་བྱུང་།