Yakཟིན་བྲིས།
དེ་རིང་མེ་ཏོག་དང་ང་གཉིས་ལ་ཆ་མཚོན་ན་དགའ་…

དེ་རིང་མེ་ཏོག་དང་ང་གཉིས་ལ་ཆ་མཚོན་ན་དགའ་འོས་པའི་གཏམ་བཟང་ཞིག་རེད་བསམ་གྱི་འདུག ལོ་ངོ་བཞི་ཡི་རིང་ལ་མོ་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱས་ནས་དེ་རིང་ཨ་རིའི་ཁྲིམས་ཀྱི་ཡིག་ཚད་ལ་མཐར་ཕྱིན་པའི་གཏམ་བཟང་འདི་ལ་ངས་མོ་རང་ལ་བཀྲ་ཤིས་བདེ་ལེགས་དང་ང་རང་ཡང་མོ་དང་མཉམ་དུ་དགའ་སྤྲོ་ཚད་མེད་སྐྱེས་བྱུང་།
ནམ་རྒྱུན་ནས་ང་རང་ཕྱི་ལོག་ལ་གྲོགས་པ་ཁ་ཤས་དང་མཉམ་དུ་འགྲོ་སྐབས་ཁོ་ཚོས་རྟག་ཏུ་ང་ལ་ཡ་མེ་ཏོག་ག་བར་ཡོད་རེད་ཟེར་སྐད་ཆ་ཡང་མང་པོ་དྲིས་སྐབས། ངས་ཁོ་ཚོ་ལ་མེ་ཏོག་ནང་ལ་སློབ་སྦྱང་བྱས་ནས་བསྡད་ཡོད་རེད་ཞེས་ལབ་ཀྱི་ཡོད།
འཚམས་རེེ་ངས་ལབ་པའི་ལན་དེ་ལ་ཏག་ཏག་མི་འགྲིག་པའི་འཚོར་བ་ཞིག་ཀྱང་བྱུང་མྱོང་ཡོད། མོ་རང་ནི་མི་གཞན་པ་དང་རང་གཞིན་གྱི་འབྲེལ་བ་བྱེད་ཐུབ་མཁན་ཞིག་གཏན་ནས་མ་རེད། ཡིན་ནའང་མོ་རང་གྲོགས་པོ་ཡག་པོ་ཞིག་རེད་བསམ་གྱི་འདུག
གང་ལ་ཟེར་ན་མོ་རང་ལ་ཡ་གྲོགས་མོ་ཟེར་ཞེ་དྲག་ཡོད་མ་རེད། གང་ཡོད་པོ་དེ་དག་ལ་མོ་རང་གི་ཁ་ཕྱེ་གཉིས་མེད་ཀྱོ་རོགས་པ་གང་ཐུབ་དང་འབྲེལ་བ་བྱེད་ཀྱི་ཡོད་རེད། དེ་རིང་ཞོགས་པའི་གཏམ་བཟང་འདི་མོ་རང་གིས་པ་ལགས་བཤད་དུས། མོ་རང་གི་པ་ལགས་ཀྱང་དགའ་འཚོར་ཆེན་པོ་བྱས་སོང་།
ད་དུང་པ་ལགས་ཀྱིས་མོ་རང་ལ་ཡ་ང་དེང་གསང་ཡུ་ཀྲུབ་( YouTube). ལ་བལྟ་ཐུབ་ཀྱི་མིན་འདུག་ཞེས་ཟེར་གྱི་འདུག རྒྱ་དམར་པོས་དྲྭ་ལམ་ལ་གྱང་ཆེན་པོ་ཞིག་བཟོས་ནས་གྱང་གི་ནང་ལ་ཡོད་པའི་མི་མང་པོ་ཞིག་དངོས་ཡོད་ཀྱི་ཕྱི་ལོག་གི་གནས་ཚུལ་དེ་ལ་བལྟ་མ་ཐུབ་པ་བཟོས་ཡོད་རེད། ངས་གོ་ཐོས་ལ་ཉིན་རེ་རེའི་ནང་དུ་གྱང་ལ་འཛེགས་མཁན་གྱི་མི་གྲངསདེ་མང་རུ་་ཕྱིན་ཙང་གྱང་དེའི་མཐོ་ཚད་ལ་ཉིན་རེ་ནས་ཉིན་རེ་བཞིན་མཐོ་རོ་གཏོང་དགོས་ཀྱི་ཡོད་པ་ཞིག་ཀྱང་གོ་བྱུང་།
མེ་ཏོག་ལགས་ཁྱེད་ནི་ངའི་སེམས་ཁོང་ཀྱི་མེ་ཏོག་དེ་ཡིན་ལ། ངའི་ལོ་ཟླ་མང་པོའི་དགའ་རོགས་དང་འགྲོ་རོགས་སྐྱོ་རོགས་བཅས་ཀྱང་ཡིན། ལོ་ཟླ་དེ་དག་ཀྱི་ནང་དུ་གལ་སྲིད་ཁྱེད་མེད་ན་ང་ཤིང་སྤགས་རྙིང་པ་ཞིག་ནང་བཞིན་ས་འོག་ལ་རུལ་རྒྱུ་ཡིན་པ་ནི་བརྗོད་ཅི་སྨོད། ང་ཁྱེད་ལ་དགའ།