Yak & Metok

Yak日常

ཁ་སང་གི་རེ་གཟའ་སྤེན་པའི་ཉིན་མོ་དེ་དངོས་…

ཁ་སང་གི་རེ་གཟའ་སྤེན་པའི་ཉིན་མོ་དེ་དངོས་གནས་འབྲེལ་བ་ཆེན་པོ་ཞེ་དྲག་བྱུང་སོང་། ཚོང་ཁང་ནང་ལ་ཡོང་བའི་མི་མང་ཆེ་བ་ཞིག་གིས་ང་ལ་སྐད་ཆ་བཤད་ནས་ཅ་ལགས་སྒོར་མོ་བལྔ་སྟོང་ལྷག་རྩམ་བཙོངས་ཐུབ་སོང་། ཡིན་ནའང་ལི་ལི་ཡིས་ཉོ་མཁན་དང་མཉམ་དུ་སྐད་ཆ་ཟེར་ཞེ་དྲག་བཤད་ཐུབ་མ་སོང་།
ནམ་རྒྱུན་འདི་འདྲའི་གནས་སྟངས་ཆག་པའི་སྐབས་སུ་ང་རང་ཡང་ཁ་སྐམ་པོ་ཞིག་ཆགས་ནས་། ཅ་ལག་ཉོ་མཁན་སླར་ཡང་ཚོང་ཁང་ནང་ལ་ཡོང་སྐབས་ངས་གཡོལ་ནས་གསང་སྤྱོད་ནང་ལ་འགྲོ་འཁུལ་བྱེད་ཀྱི་ཡོད། འཚམས་རེ་ཉོ་མཁན་ཞིག་ཡོང་སྐབས་ང་རས་མཐོང་ན་ཡང་མ་མཐོང་མདོག་བྱས་ནས་བསྡོད་སྐབས། ལི་ལིས་མོ་རང་གིས་སྐད་ཆ་བཤད་ནས་ཅ་ལགས་དེ་བཙོངས་ཐུབ་པ་བྱུང་སྐབས་ང་རང་ཡང་བློ་བདེ་པོ་ཞེ་དྲག་ཡོང་གི
ང་ཚོ་ཡ་དམིགས་གསལ་གྱི་commission འདི་འདྲ་ཟེར་ཡོད་མ་རེད། ཡིན་ནའང་ཅ་ལགས་ཚོང་མཁན་ཕན་ཚུན་དབར་ལ་བསྟུན་མཁས་པོ་མ་བྱས་ན། གལ་སྲིད་ཉོ་མཁན་ཚང་མ་ལ་ཡ་རང་གིས་མདུན་ལ་མཆོང་ནས་སྐད་ཆ་བཤད་པ་ཡིན་ན་རང་གི་རོགས་པ་དེ་ཡང་རང་ལ་ཁོང་ཁྲོ་བྱེད་རྒྱུ་ཡིན་པ་ནི་ཤ་སྟག་རེད། ཡིན་ནའང་ཁ་སང་གི་ཉིན་མོ་དེ་ནམ་རྒྱུན་དང་མ་འདྲ་བར་ངས་ག་ཚོད་གཡོལ་གང་ཐུབ་བྱས་ཀྱང་མོ་རང་གིས་སྐད་ཆ་བཤད་པའི་མི་དེ་ཚོས་ཅ་ལགས་ཟེར་གང་ཡང་ཉོ་མ་སོང་།
ང་ལ་ཐུག་པའི་མི་དེ་ཚོས་ཅ་ལགས་ཧ་ཅང་མང་པོ་ཉོས་པས་མ་ཚད་ང་རང་ཡང་ཁ་མ་ནར་བར་དུ་བཤད་དགོས་པ་ཐུག་སོང་། རྒྱུ་མཚན་གང་ལ་ཟེར་ན་ང་ཚོའི་ཅ་ལགས་དེ་ཚོ་ནི་ཁང་པའི་ནང་སྒྲིག་ཡས་ཀྱི་ནང་ཆས་དང་གློག་ཆས་བཅས་ཡིན་དུས། ཉོ་སྐབས་སུ་རྙོག་དྲ་ཞེ་དྲག་ཡོད་རེད། དང་པོ་ཁང་པའི་ནང་ལ་ཡ་ག་རེ་བཞག་གི་ཡོད་མེད་ཀྱི་བསྐོར་ལ་ཨ་ཅང་ཅང་རང་གིས་ཉོ་མཁན་ཡ་སྐད་ཆ་མང་པོ་དྲིས་ཐུབ་པ་དགོས་རེད། ཁང་པའི་ཤོང་ཚད་དང་རིང་ཚད་མཚོན་མདོག་་དུས་རབས་ག་རེའི་སྒྲོམ་གཞི་བཅས་ཀྱི་བསྐོར་ལ་ཧ་ཅག་མང་པོ་སྐད་ཆ་དྲིས་དགོས་ཀྱི་ཡོད་རེད།
གལ་སྲིད་རང་གིས་ག་ཚོད་ཀྱིས་སྐད་ཆ་མང་བ་དྲིས་ཐུབ་པ་བྱུང་ན་དེ་རྩིས་ཀྱིས་རང་གིས་ཅ་ལགས་དེ་ཉོ་མཁན་དེ་ལ་བཙོང་ཐུབ་པའི་བརྒྱ་ཆ་མཐོ་རུ་འགྲོ་གི་ཡོད་རེད། ཁ་སང་གི་ཉོ་མཁན་དང་པོ་དེ་བུ་མོ་ཞིག་རེད་འདུག མོ་རང་ལ་མོ་ཏྲ་བཏོང་མཁན་གྱི་ཁ་ལོ་བ་ཞིག་འཁྲིད་འདུག་ལ་ད་དུང་ཨ་ཅགས་ལ་ལོ་བལྔ་བཅུ་རྩམ་ཡོད་པ་ཞིག་ཀྱང་མཉམ་དུ་འཁྲིད་འདུག མོ་རང་གིས་སྐད་ཆ་ཐེངས་དང་པོ་དེ་བཤད་དུས་ངས་མོ་རང་ལ་ཁང་པའི་ཅ་ལག་་ལ་ཉོ་ཤེས་ཀྱི་མེད་པ་དེ་ཧ་གོ་སོང་། གང་ལ་ཟེར་ན་མོ་རང་གིས་1 photo ༼ Bath room wall sconce ༽ ཞིག་ལ་མཛུ་གུ་བརྩུགས་ནས་འདི་( Bedroom sconce ) ལ་བཞག་པ་ཡིན་ན་ཡག་པོ་འདུག་ཟེར་སོང་བས་ཨ་ཅགས་ལགས་དེས་ལམ་སེང་བལྟ་ནས་འདི་༼Bath room sconce )་འདྲ་པོ་རུ་འདུག་ཟེར་སོང་།
ངའི་བསམ་པར་ཨ་ཅག་མོ་རང་དངོས་ནས་དྲང་པོ་དྲང་ཤག་ཞིག་རེད་འདུག་བསམ་བྱུང་། དེ་ནས་བསྐོར་ར་ཁ་ཤས་ཅིག་རྒྱབ་པའི་རྗེས་ལ་ངས་ཨ་ཅག་ལ་ཁྱེད་རང་གིས་ཅ་ལག་བལྟ་སྟངས་གྱི་ཐོག་ལ་དངོས་གནས་ཉམས་མྱོང་ཞེ་དྲག་འདུག་ཞེས་ཁོང་ལ་བཤད་སྐབས། ཨ་ཅག་ལགས་མོ་རང་ཡང་དངོས་གནས་སེམས་པ་དགའ་ཐག་ཆོས་བཞག དེ་ནས་ཁོང་ཚོ་བསྐོར་ར་མང་པོ་ཞིག་རྒྱབ་པའི་རྗེས་ལ་ངས་ཁོ་ཚོ་ག་རེ་ཉོ་དགོས་པའི་བསྐོར་་ལ་རྒྱུས་མངའ་ཏོག་ཙམ་སླེབས་སྐབས། ངས་ཁ་ཚོ་ལ་གློག་ཆས་འདི་བསྟན་ནས་ (2 photo ) འདི་གང་འདྲ་ཞིག་འདུག་ལབ་པ་ཡིན།
རང་གིས་ཅ་ལག་གང་འདྲ་ཞིག་མི་ལ་ཡ་བཙོང་དུས་སོ་སོས་སོ་སོར་ཡ་མདེངས་ཚོད་དང་སྤོབས་པ་དགོས་རེད། ངས་ལམ་སེང་སྐད་ཆ་འདིའདྲ་ཟེར་མུ་མཐུད་ནས་བཤད་པ་ཡིན་༼ This looks really gogerouse ) ངས་ཅ་ལག་འདི་དམིགས་གསལ་གྱི་བསྟན་དགོས་པའི་རྒྱུ་མཚན་ནི་་ངས་ཁ་ཚོའི་ཁང་པའི་ནང་ལ་སྒེའུ་ཁུང་ཆེན་པོ་ཞིག་ཡོད་པ་ཁ་གོ་སང་། གལ་སྲིད་སྒེའུ་ཁུང་ཡོད་པའི་ཁང་པ་ནད་ལ་འདི་འདྲ་བཞག་པ་ཡིན་ན་དངོས་གནས་ཕན་ཚུན་དབར་ལ་ལན་པོ་དང་སྙིང་རྗེ་པོ་ཞིག་ཡོད་རེད་ཞེས་གདེངས་ཚོད་དང་ལྡན་པའི་ངང་ནས་ཕར་ལ་བཤད་པ་ཡིན།
བྱས་ཙང་ཨ་ཅག་ལགས་ཀྱིས་བལྟས་ནས་དངོས་གནས་སྙིང་རྗེ་པོ་འདུག་ལབ་བྱུང་། བུ་མོ་དེ་ཡང་ཁས་ལེན་སོང། དེ་ནས་ངས་ཁོང་ལ་གལ་སྲིད་ཁྱེད་རྣམས་པས་ཉོ་ཡས་ཡིན་ན་ང་ལ་ཡ་ཁྱེད་རང་གི་ཁང་པའི་ཁ་བྱང་དེ་བྲིས་རོགས་ཞེས་ཞུས་པ་ཡིན། མོ་རང་གིས་ཁང་པའི་ས་བྱང་དེ་བྲིས་སྐབས། ངས་མོ་རང་གི་སེན་མོའི་མཚོན་མདོག་དེ་རྒྱ་སྨུག་དང་སྤ་ལན་གྱི་མཚོན་མདོག་ཀྱང་རྒྱ་སྨུག་གཉིས་ཡིན་པ་མཐོངདུས་ངས་མོ་རང་ལ་སེན་མོའི་མཚོན་མདོག་སྙིང་རྗེ་པོ་ཞེ་དྲག་འདུག་ཟེར་བ་ཡིན། ་་
མོ་རང་གིས་ང་ལ་ཡ་དགུན་གིའི་གནམ་གཤིས་དང་བསྟུན་ནས་འདི་འདམས་པ་ཡིན་ཞེས་ལབ་བྱུང། ལན་འདི་འདྲ་ཞིག་གོ་མྱོང་བ་དེ་ཡང་ཐེངས་དང་པོ་ཡིན། རྗེས་སུ་དངུལ་སྤྲོད་་མཁན་དེ་ཁོང་གི་ཁ་ལོ་བ་དེ་རེད་འདུག དེ་ཚར་བའི་རྗེས་ལ་ངས་ཁོ་ཚོ་ཚང་མ་ལ་ཡ་ཆུ་རེ་རེ་སྤྲད་པ་ཡིན། ཡང་དེ་ཚར་རྗེས་་ཉོ་མཁན་གཉིས་པ་དེ་བུ་ཞིག་བུ་མོ་ཞིག་སླེབས་བྱུང་ཁོང་གཉིས་ཀྱི་ལོ་གྲངས་ཕལ་ཆེར་བལྟ་ན་ལོ་བཞི་བཅུ་གཡས་གཡོན་རྩམ་རེད་འདུག འདི་དུས་ངས་ལི་ལི་ལ་བལྟ་དུས་མོ་རང་ཡང་མི་གཞན་པ་ཞིག་མཉམ་དུ་སྐད་ཆ་བཤད་པའི་སྒང་ལ་རེད་འདུག ངས་ཁོ་གཉིས་ལ་སྐད་ཆ་མ་བཤད་་རང་བཤད་ཐུབ་སོང་།
ངས་དོ་སྣང་ཡོད་པ་ཞིག་ལ་ཨ་ཅག་ལགས་ཁོང་གི་རྐང་པ་ཁྱོག་རྩམ་ཁྱོག་རྩམ་བྱེདགི ཉེ་འགྲམ་ལ་སླེབས་དུས་ཨ་ཅགས་ལགས་ཁོང་དངོས་གནས་ཀླུའུ་བུ་མོ་ཞིག་མི་ཡུལ་སླེབས་པ་ནང་བཞིན་ཞལ་རས་ཧ་ཅང་གི་རྙིང་རྗེ་པོ འདུག ངའི་འདྲེན་གཟུང་གཉིས་ཀྱང་སྐར་མ་་ཁ་ཤས་ཁོང་གི་ཞལ་རས་ཐོག་ལ་ལུས་སོང་། ཨ་ཅགས་ལགས་མོ་རང་རྣམ་པ་མཛེས་པ་མ་ཟད་ད་དུང་ཅ་ལགས་ལ་ཡང་འདམས་མཁས་པ་ཞི་དྲག་རེད་འདུག མོ་རང་གིས་གློག་འདི་ ( photo 3 Dining table ) སྒང་ལ་འདེམས་སོ་གློག་འདི་ ( phot o 4 over the tub) (photo 5 ) ཅ་ལག་འདི་ཉལ་ཁང་ནང་ལ་འདེམས་་སོང་། 
ཇོ་ལགས་ཁོང་ཁང་པ་བཟོ་མཁན་ཞིག་རེད་འདུག གློག་ཐ་མ་འདི་{photo 5) ང་ཚོའི་ཚོང་མཁང་ནང་ལ་བཞག་ནས་རྒྱུན་རིང་པོ་ཕྱིན་པ་དེ་འདམས་སོང་། གློག་འདིའི་གོང་ཚད་ནམ་རྒྱུན་ལས་བརྒྱ་ཆ་ཕྱེད་ཀ་རྩམ་གྱི་ཉུང་བ་ཡོད་རེད། གང་ལ་ཟེར་ན་གློག་འདི་ང་ཚོ་ཚོང་ཁང་ལ་གནས་བཅས་རྒྱུན་རིང་པོ་ཕྱིན་ཡོད་རེད། བྱས་རྩང་ཁོ་གཉིས་ཀྱིས་ཉོ་རྩིས་བྱེད་སྐབས་སྔོན་ནས་དགའ་བོས་པ་ཞིག་རེད་བསམ་བྱུང་། ཇོ་ལགས་འདི་ང་ལ་གལ་སྲིད་གློག་འདི་photo 6. ཉོས་པ་ཡིན་ན་ལྕགས་ཀྱི་་ལྷད་མ་( chain) རིང་པོ་ཞིག་དགོས་ཀྱི་འདུག་ཟེར་གི ཁོ་རང་གི་རྒྱལ་སྒོའི་མཐོ་ཚད་སོར་བཅུ་བརྒྱད་ཙམ་ཡིན་ཞེས་ལབ་བྱུང་། ངས་ཁོང་ལ་ཡ་སེམས་ཁྲལ་གཏན་ནས་དགོས་པ་མ་རེད། ངས་ཚོགས་པ་ལ་ཁ་པར་རྒྱབ་རྗེས་ལྕགས་ཀྱི་ལྷད་མ་ཐེ་པ་ཁ་ཤས་མངགས་ཉོ་བྱེད་ཐུབ་ཀྱི་རེད་ཞེས་ལབ་པའི་སྐབས་ལ། གློ་བུར་དུ་ལི་ལིས་མོ་རང་ངའི་མདུན་དུ་ཚང་ཁ་ཤིག་ཤིག་ངང་མཆོང་ནས་མོ་རང་གིས་ལྕགས་ཐེ་པ་ཁ་ཤས་མགར་ན་ཡང་གློག་གི་སྐུད་པའི་་རིང་དུ་གཏོང་ཐུབ་ཀྱི་མ་རེད་ཅེས་ལབ་དུས།
ཇོ་ལགས་ཁོང་གིས་ལི་ལི་ལ་ལན་ཚ་པོ་ཞིག་རྒྱབ་སོང་བསམ་བྱུང་། ཁོང་གིས་འདི་འདྲ་ཟེར་ལབ་སོང་། ཨ་འདི་བལྟ་གནང་དག་ཁོ་ར་ཡོད་མ་རེད་ལས་སླ་པོ་ཞེ་དྲག་རེད་། གློག་གི་སྐུད་པ་མ་གདངས་པ་ཡིན་ན་ང་ཚོས་དེ་ལ་མཐུད་་ན་འགྲིག་རེད་པ་ལས་སླ་པོ་རེད་ཞེས་ལབ་སོང་། ལི་ལིས་མོ་རང་གིས་འདི་ལབ་པའི་རྒྱུ་མཚན་དེ་་ང་ཁ་སྐྱང་པོ་ཞིག་ཟོ་དགོས་བསམ་གྱི་ཡོད་རེད། རྒྱུ་མཚན་གང་ལ་ཟེར་ན་མོ་རང་གིས་ཤེས་པ་དེ་ང་ལས་མང་བ་ཤེས་ཀྱི་ཡོད་པ་དེ་མི་ལ་བསྟན་རྒྱུའི་ཆེད་དུ་རེད། ཇོ་ལགས་ཀྱི་ལན་འདི་ལ་ང་རང་ཧ་ཅང་དགའ་པོ་རོ་བྱུང་། མོ་རང་གིས་འདི་འདྲ་བ་གནས་ཚུལ་ཁ་ཤས་ཀྱི་མདུན་ལ་བཤད་ནས་ཉོ་མཁན་དེས་ལི་ལི་ལ་སྐད་ཆ་བཤད་པ་མ་གཏོགས་ང་ལ་མ་བཤད་་པ་ཡང་བྱེད་མྱོང་ཡོད། གང་ལ་ཟེར་ན་ངས་ཉོ་མཁན་ལ་སྐད་ཆ་བཤད་ནས་རྒྱུན་རིང་པོ་ཕྱིན་དུས་ཁོ་ཚོས་ང་ལ་ཡ་ཡིད་ཆེས་དང་འདེངས་འཇོག་བྱེད་ཀྱི་ཡོད་རེད།
དངོས་གནས་བྱས་ན་མོ་རང་་གིས་ང་གཅིག་པོར་བཤད་ན་འགྲིག་གི་ཡོད་རེད། སྐབས་དེ་དུས་ང་རང་ཡང་ཁོང་ཁྲོ་ཏོག་ཙམ་ཟ་བྱུང་། ཡིན་ནའང་ངས་ལམ་སེང་༼༼ oh. Thanks for let me know. I am so sorry about the wire ༽༽ སྐད་ཆ་འདི་ཕར་ལ་བཤད་པ་ཡིན། དེ་ནས་ཁོང་ཚོས་ཅ་ལག་འདི་ཉོ་ནས་ཕྱིན་སོང། དེ་རང་ང་རང་འབྲེལ་ལ་ཞེ་དྲག་བྱུང་སོང་། ཡིན་ནའང་མོ་རང་གིས་ང་ལ་ཡག་པོ་རེད་རང་གིས་སྒོར་མོ་བལྔ་སྟོང་ལྷག་རྩམ་གྱི་ཅ་ལག་བརྩངས་སོང་ཟེར་རྒྱུ་ཕར་བཞག་ང་ལ་ཡ་བཀའ་བསྐྱོན་འདི་འདྲ་ལབ་བྱུང་། དང་པོ་རང་གི་ཁོ་ཚོར་ལྕགས་ཀྱི་ལྷད་མ་དེ་ལ་མངགས་ཉོ་བྱེད་པའི་ཁས་ལེན་བྱེད་སྐབས་གོང་ཚད་ག་ཚོད་ཀྱི་བསྐོར་ལ་མ་ལབ་པ་ག་རེ་བྱེད་ཀྱི་ཡིན། གཉིས་པ་ཅ་ལགས་གལ་སྲིད་སྣོན་པའི་ཞིག་ཉོས་པའི་་སྐབས་སྔོན་གྱི་. ( transection. don’t voided you charge only the adjustment ment ). ཡིན་ནའང་དེ་སྔོན་ང་ཚོའི་འགོ་འཛིན་པ་མཐོ་ཤོས་འདི་ང་ལ་ཡ འདི་འདྲ་ཟེར༼ avoid the transaction and the. Make new. Wil get charges for every transaction ༽ གང་ལྟར་མོ་རང་གིས་ང་ལ་ཡ་ཡག་པོ་རེད་ཟེར་རྒྱུ་ཕར་བཞག་ང་ལ་འདི་འདྲ་ཟེར་ལབ་བྱུང་། ང་་ལ་ནམ་རྒྱུན་ཅ་ལག་ཚོང་་པའི་༼Commsion ༽ ཡོད་མ་རེད། ཡིན་ནའང་ང་རང་གིས་གང་ཐུབ་ཅི་ཐུབ་བྱེད་ཀྱི་ཡོད། འདི་ཚོ་ཚང་མ་སོ་སོའི་ཉམས་མྱོང་རེད་བསམ་བྱུང་། ང་རང་ཁོང་ཁྲོ་ཟ་བྱུང་ཡིན་ནའང་ངས་མོ་རང་ལ་ལགས་སོ། ངས་ཁ་ཚོར་ལ་རྗེས་སུ་གོང་ཚོད་ག་ཚོད་ཡིན་མིན་བསྐོར་བཤད་ཆོག་ཟེར་པ་ཡིན།
མི་མང་པོ་ཞིག་གིས་ཕྲ་དོག་ཟ་བའི་དུས་སུ་ཁོ་ཚོའི་ནམ་རྒྱུན་གྱི་བཟང་སྤྱོད་ཀྱི་རྣམ་འགྱུར་ཚང་མ་དྲན་པ་བརྗེད་ཀྱི་ཡོད་རེད། ཡིན་ནའང་་ངའི་བསམ་པར་་མོ་རང་མི་སྡུག་པ་ཞིག་གཏན་ནས་མ་རེད། མོ་རང་གིས་ངར་ནམ་རྒྱུན་ཡག་པོ་བྱེད་ཀྱི་ཡོད། ཡིན་ནའང་ངས་མོ་རང་ལ་སྐད་ཆ་ཅིག་བཤད་དགོས་ཀྱི་འདུག་བསམ་བྱུང་། ཡིནའང་ང་རང་དངོས་སུ་བཤོད་པར་འགྲོ་བའི་སྐབས་སུ་ཁ་འགག་ནས་བཤད་ཐུབ་མ་སོང་། དེ་ནས་མོ་རང་གིས་ང་འདི་འདྲ་ལབ་བྱུང་། ༼ Tashi you want to say some thing. just say it I feels like your Brian is faster than your mouth༽
ངས་གད་མོ་གཅིག་དགོད་ནས་ང་རང་གིས་ཁ་ལ་ཁྲབ་ཅིག་རྒྱབ་ནས་གང་ཡང་བཤད་མེད་གང་ལ་ཟེར་ན་རང་གི་སེམས་ནང་ནས་བསམ་པ་དེ་དང་ཁ་ནས་བཤད་པ་གཉིས་ཏག་ཏག་ཐུག་ཡས་ང་རང་ལ་འདེང་ཚོད་དེ་ཙམ་མེད། དེ་ལས་མ་བཤད་ན་ཡག་པ་འདུག་བསམ་བྱུང་མ་ཟད་ད་ལྟ་མོ་རང་ཕྲག་དོག་དང་ཁོང་ཁྲོ་ཏོག་ཙམ་ལང་ཡོད་ཙང་ཏོག་ཙམ་སྒུག་ན་དགའ་གི་རེད་བསམ་བྱུང་། དེ་ནས་གང་ཙམ་ཞིག་ཕྱིན་པའི་རྗེས་ལ་མོ་རང་གི་ཕྲག་དོག་ཏིག་ཙམ་མར་ལྗགས་པའི་སྐབས་ལ་ངས་མོ་རང་ལ་་( I feet bad if I am The Who only speak to client you are not ). མོ་རང་གིས་གུས་ཞབས་དང་ལྡན་པའི་ངང་ན་ང་ལ་གང་ཡང་ཡོད་མ་རེད། < I do t mind ) ཞེས་ལབ་བྱུང་། གང་ལྟར་ཚོང་ཁང་གཉིས་དང་འགན་འཛིན་་པ་གསུམ་དདུང་ལས་མི་གཉིས་དང་སྦྱིན་བདག་གཅིག་གི་གཏམ་རྒྱུད་དེ་འདི་གར་འཚམས་བཞག་གི་ཡིན།