Yak & Metok

Yak日常

གཡག་དང་མེ་ཏོག

གཡག་དང་མེ་ཏོག
གཡག་དང་མེ་ཏོག
གཡག་དང་མེ་ཏོག

དེ་རིང་གི་་ཞོགས་པ་ང་ཚོའི་ནང་ལ་དེ་སྔོན་དང་མ་འདྲ་བའི་ཚག་སྒྲ་ཞིག་འདུག དེ་ནི་སྒོམ་ཆེན་གཉིད་ནས་གསད་དེ་བསམ་ཡུལ་ལ་ ཨ་ཡ་མམཚན
དེ་རིང་གི་ཚག་སྒྲ་དེ་སྔར་ལས་མ་འདྲ་བ་ཞིག་འདུག རྫ་ར་སེག་སྐྱ་དང་བྱེ་བ་སྨུག་ཆུངགཉིས་ལོག་ཡོང་པ་ནི་མ་ཡིན་ནམ། ཡང་ན་ལ་རྒྱབ་ཀྱི་བརྩན་དེ་ཆབ་བཟང་ལ་ཕེབས་པ་ནི་ཨེ་ཡིན། དེ་ལྟ་བུའི་བསམ་བློ་འདྲ་མི་སྣ་ཚོགས་ཞིག་འཁོར་བའི་སྐབས་ལ། ངས་མིག་གཉིས་འཕུར་རྩམ་བྱས་ནས་མེ་ཏོག་ངས་ཁྱེད་རང་ལ་ཤིང་ཏོག་གི་ཁུ་བ་ཞིག་བཟོ་དགོས་ཞེས་ཧོབ་ཏེ་ཡར་ལངས་ནས་མོ་རང་ལ་ཤིང་ཏོག་གི་ཁུ་བ་ཞིག་བཟོས་པ་ཡིན། མེ་ཏོག་ནི་ནམ་རྒྱུན་དང་མི་འདྲ་བའི་གོན་པ་དང་འོག་འཇུག་དཀར་པོ་འཇུ་ཏ་ནག་པོ་འོད་རྒྱབ་པ་བཅས་གྱོན་པ་དང་ད་དུང་རང་གི་གདོང་ལ་དཀར་དམར་རྣམས་བྱུགས་ནས་སེ་བསང་བསང་ཞིག་ཆགས་ནས་འགྲོ་རྩིས་བྱེད་པ་དེ་ལ་བལྟས་ན། ང་རང་གི་སེམས་ལ་ཡ་དེ་སྔོན་དང་མ་འདྲ་བའི་དགའ་སྐྱོ་གཉིས་འཛོམས་ཞིག་བྱུང་། དགའ་འོས་པ་ནི་དེ་རིང་ཡིན་ན་ར་སྤུའི་འུར་རྡོ་དེ་ར་ལ་ཐེབས་ཞག་བསམ་ནས་དགའ་སྣང་ཞིག་བྱུང་། གང་ལ་ཟེར་ན་ནམ་རྒྱུན་མེ་ཏོག་གིས་ང་ལ་དེ་རིང་ཞོགས་པ་རང་ལངས་དུས་ཀྱི་འགུལ་སྒྲ་དེས་ང་གཉིད་ནས་གསད་བྱུང་ཞེས་བཤད་ཀྱི་ཡོད་པ་རེད། དེ་རིང་ཞོགས་པའི་ཆུ་ཚོད་ཏིར་ཟེར་བ་དང་མོ་རང་ཡར་ལངས་གྲ་སྒྲིག་ཚང་མ་བྱས་ནས་ང་ཚོའི་མོ་ཏྲ་དེ་གཏང་ནས་ཕྱིན་སོང་། ཉིན་གུང་གི་ཁ་ལག་དེ་ཡང་འཁྱེར་རྒྱུ་དྲན་པ་བརྗེད་འདུག དེ་ལ་བལྟ་དུས་བསམ་ནང་ལ་དངས་ཚབ་ཏོག་ཙམ་ཡང་བྱུང་གང་ལ་ཟེར་ན་དེ་རིང་ནི་མོ་རང་དངོས་སུ་ལས་ཀར་འགྲོ་བ་ཐེངས་དང་པོ་དེ་རེད། མེ་ཏོག་དང་ང་གཉིས་ཨ་རིར་བསླེབས་ནས་ཟླ་བ་གཉིས་རྩམ་གཡས་གཡོན་ལ་མོ་རང་ང་དང་མཉམ་དུ་ཡང་མགྲོན་ཁང་ཞིག་ཏུ་ཞོགས་ཟས་བཟོ་་རོགས་བྱས་པ་དང་དེ་ནས་མགྲོན་པོའི་ཉལ་ཆས་ཡང་བཏིང་རོགས་བྱས་མྱུང་། སྐབས་དེ་དུས་མོ་རང་གི་ཉལ་་གདན་བཏིང་རོགས་བྱེད་དུས་ཨམ་ཅོག་ལ་སྒྲ་དེབ་ཅིག་ཉིན་གྱིན་ཡོད་པས། མོ་རང་གི་རོགས་པ་ཨ་ཅག་ལགས་དེས་མོ་རང་ལ་རང་ག་རེ་ཉན་གྱི་ཡོད་ཞེས་དྲིས་སྐབས། ངས་ཁྲིམས་ཀྱི་སློབ་ཚན་ཅིག་ཉན་ཞིན་ཡོད་གལ་སྲིད་སློབ་སྦྱོང་ཡག་པོ་བྱས་ནས་ཁྲིམས་ཀྱི་སླབ་གྲྭ་ནས་མཐར་ཕྱིན་ན་ལས་ཀ་ཡང་ཡག་པོ་ཞིག་རག་གི་རེད་ཞེས་བརྗོད་སྐབས། ཨ་ཅག་དེས་མོ་རང་ལ་མིག་སྤག་རྩམ་ཞིག་བལྟས་ནས་ཧོན་་ཐོར་བའི་རྣམ་འགྱུར་ཞིག་མེ་ཏོག་ལ་བསྟན། ཨ་ཅགས་ལགས་ཀྱི་རྣམ་འགྱུར་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཀྱང་ཡོད་རེད། རྒྱུ་མཚན་གང་ལ་ཟེར་ན། ང་ཚོ་ནི་ཡུལ་གྱར་བ་ཞིག་ཡིན། རང་ཡུལ་བྲལ་ནས་མི་ཡུལ་དུ་མི་མང་པོ་ཞིག ས་ཆ་གསར་པ་ཞིག་ལ་སླེབས་དུས་རང་གི་དགོང་མོའི་ཉལ་ཁང་དེ་ཁ་ཁུ་སིམ་པོ་ཞིག་བྱུང་ན་དེ་ནི་ཧ་ཅང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་རེད། མི་མང་པོ་ཞིག་ཞོག་སྔ་ལངས་དང་དགོང་ཕྱི་ཉལ་བྱེད་ནས་བསགས་པའི་ཡོང་འབབ་ཚང་མ་ཁང་རིན་དང་ཆུ་རིན་དང་སྨན་རིན་སྣུམ་རིན་གློག་རིན་ཞིན་རྩིས་མང་པོ་ཞིག་རྒྱག་དགོས་ཀྱི་ཡོད་རེད། རང་གི་ལག་པར་དངུལ་བསགས་རྒྱུ་ཕར་བཞག་རང་གི་ཟླ་རེའི་ཟ་དངུལ་དེ་ཐོན་རྩམ་ཞིག་བྱུང་ན་ནམ་མཁའི་བླ་མ་དཀོན་མཆོན་མཁྱེན་དེ་རའི་ཟླ་བ་དེའི་ནང་ལ་ང་རང་འཚོ་ཐུབ་པ་ཞིག་བྱུང་ཞེས་དགའ་འོས་པའི་སྨོན་ལམ་ཞིག་རྒྱབ་འོས་ངེས་རེད། གལ་སྲིད་ཟ་ཚང་གཉིས་ཡོད་ན་གཅིག་གིས་གླ་རྒྱུག་ཏུ་ཕྱིན་པ་དང་གཅིག་གིས་སློབ་སྦྱོང་བྱས་པ་ཡིན་ན་འདི་ཡང་ཧ་ཅང་གི་ཚན་པོ་ཞིག་ཡོད་རེད།
ཡིན་ནའང་སློབ་གྲྭ་མཐར་ཕྱིན་སྐབས་ལས་ཀ་ཞིག་རག་མ་རག་ཞེས་པ་དེ་སུ་ཞིག་གི་བཤད་ཐུབ་ཡས་ཡོད་མ་རེད། འདི་གླིང་གེ་སར་རྒྱལ་པོས་འབྲུག་མོ་བདུད་ཡུལ་ནས་ལེན་པ་ནང་བཞིན་དཀའ་ལས་ཧ་ཅང་ཆེན་པོ་ཡོད་རེད།
མི་མང་པོ་ཞིག་སློབ་གྲྭ་ཚང་མས་ཐོན་ནས་ད་དུང་ལས་ཀ་དཀྱུས་མ་ཞིག་ལས་དགོས་ཀྱི་ཡོད་རེད། གལ་སྲིད་རང་གིས་གང་ཐུབ་བྱས་ནས་སློབ་གྲྭར་མ་ཕྱིན་པ་ཡིན་ན་གོ་སྐབས་དེ་ཡང་ཡོད་མ་རེད།
ད་རིང་ང་རང་སྦག་སྦག་བཏོང་ནས་ལས་ཀར་ཕྱིན་པ་ཡིན། ལམ་བར་དུ་ཤིང་སྡོང་གི་མཚོན་མདོག་འདྲ་མིན་སྣ་ཚོགས་བཞད་ནས་དགུན་དུས་ལ་ཕེབས་གསོ་བྱེད་བཞིན་ཡོད་པ་མཐོང་བྱུང་། ཁང་པ་མང་པོའི་སྒོ་འགྲམ་ལ་འདྲེ་དང་འབའ་མོའི་སྐུ་དཔར་འདྲ་སྨིན་བཞག་ནས་གདོང་འདྲེའི་དུས་ཆེན་ལ་ཕེབས་གསོ་ཡང་བྱེད་བཞིན་ཡོད་པ་མཐོང་།